ཁོར་ཡུག་གཙང་མ་

雪光(泽旺塔西)

<p style="font-family: -webkit-standard; white-space: normal; -webkit-tap-highlight-color: rgba(26, 26, 26, 0.301961); -webkit-text-size-adjust: auto;">དུས་རབས་ཀྱི་འབོད་སྐུལ་དང་བསྟུན་ནས“ཆེས་མཐའ་མའི་ས་གཙང་དེར”ལྟ་རྟོག་བྱེད་དགོས་པའི་འབོད་སྐུལ་གནང་བ། སྡེ་ཚྭ་ཤང་ཐེན་ཧྲན་རྩྭ་ཐང་དུ་སྐྱོད་སྐབས།ཡུལ་ལྗོངས་རེ་རེ་ནི་དྲན་ཤེས་གཏིང་ཟབ་པའི་རི་མོ་ཞིག་ཡིན་ཞིང་།རྐང་རྗེས་རེ་རེ་ནི་འཁོར་བ་ཞིག་ཡིན་པ་དང་།འཁོར་བ་ཞིག་གི་ཁྲོད་དུ་བརྩེ་དུང་གི་དོན་སྙིང་འཚོལ་བཞིན་མཆིས། སྡེ་ཚ་ཤང་བུ་རྫི་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ར་ནི་བུ་རྫི་གྲོང་ཚོའི་གྲོང་མིའི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་ས་ཞིག་ཡིན་པ་དང་།ལོ་ལྟར་རི་མགོར་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་ཡོང་མཁན་མང་ཚོགས་བརྒྱ་གྲངས་ཟིན་གྱི་ཡོད་པས་དུས་ཡུན་རིང་པོའི་ནང་སྐྱེ་ཁམས་ཧ་ཅང་ཉམས་ཞན་གྱི་ཉེན་ཁ་ཚབས་ཆེན་བཟོས་ཡོད། ས་ཆ་གང་རུང་ཞིག་གི་སྐྱེ་ཁམས་ལ་གཏོར་བརླག་ཐེབས་ན།འཇིགས་སྐུལ་གྱི་མཐར་ཐུག་ནི་མིའི་རིགས་རང་ཉིད་ཀྱི་འཚོ་གནས་ཡིན། འབྲོག་ར་གསུམ་དང་ལུང་ཤུར་གསུམ་ལ་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་ཁག་པོ་ཡོད། སྡེ་ཚྭ་ཤང་ཏང་ཨུ་ཡོན་དང་སྲིད་གཞུང་གིས་མངོན་གསལ་དོད་པའི་གནད་དོན་དེ་མཐོང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་དེ་ནི་སྡེ་ཚྭ་སྲུང་མཁན་གྱི་འགན་འཁྲི་ལྕི་མོ་ཞིག་ཏུ་གྱུར་ནས།དབྱར་རྩྭ་དགུན་འབུའི་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་ད་ལོའི་ལས་འགན་ཨང་དང་པོར་བརྩི་བཞིན་ཡོད་པ་རེད</h3> <p style="font-family: -webkit-standard; white-space: normal; -webkit-tap-highlight-color: rgba(26, 26, 26, 0.301961); -webkit-text-size-adjust: auto;">སེམས་ནང་གི་འགན་འཁྲི་དེའི་དབང་གིས་སྣུམ་མི་འདང་བ་དང་འཕྲིན་བརྡ་མེད་པ་ཞིག་ཡིན་རུང་གངས་འཁྱག་ཁྲོད་དང་རླུང་འཚུབ་ཀྱི་མདུན་དུ་ལྷགས་པ་ཆེན་པོ་བརྒྱབ་ཀྱང་སྡེ་ཚྭ་ཤང་བུ་རྫི་གྲོང་ཚོར་བཅའ་སྡོད་དབྱར་རྩྭ་དགུན་འབུའི་གནས་སྐབས་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོར་བརྟན་སྲུང་བྱེད་ཀྱི་ཡོད། ཏག་ཏག་ཐེན་ཧྲན་རྩྭ་ཐང་ལ་བརྩེ་བ་ཟབ་མོ་བཅངས་པའི་རྐྱེན་གྱིས།སྡེ་ཚྭ་ཤང་གི་ལས་དོན་མི་སྣས་གངས་ཐོག་ཏུ་སྐྱོད་པ་དང་དཀའ་ངལ་ཁྱད་བསད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དུད་ཚང་46གི་གྲོང་མི་112སྒྲིག་འཛུགས་ཐེངས་མང་བྱས་ཏེ་ཚོགས་ཆུང་3ལ་བགོས་པ་དང་།དབྱར་རྩྭ་དགུན་འབུའི་ལུང་ཤུར་གསུམ་དུ་ལོ་མང་རིང་སྔོག་འཐུ་བྱས་རྗེས་ཀྱི་འཚོ་བའི་གད་སྙིགས་ཚང་མ་གཙང་སེལ་བྱས་པ་མ་ཟད།གད་སྙིགས་དེ་དག་གནས་ཡུལ་དུ་འཁྱེར་ནས་ཁོར་ཡུག་སྲུང་སྐྱོང་བྱས་པ་བརྒྱུད་དབྱར་རྩྭ་དགུན་འབུའི་རི་བོ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་མཐའ་མའི་ས་གཙང་སྲུང་སྐྱོང་ཐུབ་ཡོད་པ་རེད། དོན་དམ་དུ་ཁོར་ཡུག་བཅོས་སྒྲིག་གི་བྱེད་སྒོའི་ནང་ད་དུང་དབྱར་རྩྭ་དགུན་འབུའི་རི་བོ་ཚུད་ཡོད་པ་མ་ཟད།“གཏོགས་ཁོངས་ཀྱི་རྩ་དོན་དང་།འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ།ས་ཆ་གཙོ་བོར་བྱེད་པ།དམངས་ཡོངས་ཞུགས་པ”བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་།“གཙང་ལ་གྲལ་འགྲིག་པ་དང་གོ་རིམ་ལྡན་པའི”སྤྱིའི་བླང་བྱར་དམིགས་ཏེ་གྲོང་ཚོའི་རྣམ་པ་དང་དེ་བཞིན་གཞུང་ལམ་ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་བཏང་ཡོད། སྡེ་ཚྭ་ཤང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་གྲོང་མི་ཚོར་རང་འགུལ་ངང་ཡུལ་ཁོངས་ཀྱི་གཙང་སྦྲ་ཆེ་མོ་བྱེད་སྒོའི་ནང་ཞུགས་དགོས་པའི་འབོད་སྐུལ་བྱས་པ་དང་མང་ཚོགས་ཚོས་རང་འགུལ་ངང་ཕྱགས་པ་དང་ལྕགས་ཁེམ་སོགས་ངལ་རྩོལ་འགན་སྲུང་ཡོ་བྱད་ཐེངས་མང་འཁྱེར་ནས་གད་སྙིགས་སྒྲུག་སྟེ་བཙོག་ཆུ་གཙང་སེལ་དང་ཆུ་འབུད་བྱས་པ་རེད། གཞུང་ལམ་གཡས་གཡོན་དུ་གད་སྙིགས་དང་།རྩྭ་སྙིགས།གང་བྱུང་དུ་སྤུངས་པ།འཕྲོད་བསྟེན་གྱི་ཁུག་ཟུར་སོགས་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་པ་དང་།གྲོང་ཚོའི་ནང་གི་སྲང་ལམ་གཡས་གཡོན་དུ་གང་བྱུང་དུ་སྤུངས་ནས་གད་སྙིགས་དང་ལུད་རྫས་གང་བྱུང་དུ་བླུགས་པ་སོགས་ཀྱི་གད་སྙིགས་གཙང་སེ</h3><p style="font-family: -webkit-standard; white-space: normal; -webkit-tap-highlight-color: rgba(26, 26, 26, 0.301961); -webkit-text-size-adjust: auto;">ལ་བྱས་པ།སྡོད་ཁང་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཁང་པར་འཕྲོད་བསྟེན་བྱེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ།གང་བྱུང་དུ་བཞག་པའམ་གང་བྱུང་དུ་བསྐྱུར་བ་སོགས་ཀྱི་བྱེད་སྤྱོད་བཀག་འགོག་བྱས་ནས“མེད་པ་གཅིག་དང་ཚད་ལྡན་གཅིག”དངོས་འབྲེལ་ཡོང་བ་བྱས་པ་རེད། གཙང་སྦྲ་དང་བཅོས་སྐྱོང་བྱས་པ་བརྒྱུད་ཡུལ་དེའི་ཁྱབ་ཁོངས་ནང་གི་ཁོར་ཡུག་</h3><p style="font-family: -webkit-standard; white-space: normal; -webkit-tap-highlight-color: rgba(26, 26, 26, 0.301961); -webkit-text-size-adjust: auto;">འཕྲོད་བསྟེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད།ཏང་ཡོན་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་།ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་འཆམ་མཐུན་བྱུང་བ།རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་བཅས་བྱུང་ནས་ཚང་མས་ཐུན་མོང་གི་སྐྱེ་ཁམས་གྱི་ཁྱིམ་གཞིས་ལ་ལྟ་རྟོག་བྱ་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད་པ་རེད། སྡེ་ཚྭ་ཤང་བུ་རྫི་གྲོང་ཚོའི་དབྱར་རྩྭ་དགུན་འབུའི་གནས་སྐབས་ཀྲི་པུའུ་ 2019ལོའི་ཟླ་6ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཐོག་ནས།&nbsp;</h3>