དྲན་པའི་འདབ་རྫབ་ནས་ཁྱེད་རང་མ་འཐེན།།

དགའ་བའི་ཆུ་བོ་ཡི་གདིང་ནས་བྱིང་བཅུག།།

སེམས་ཀྱི་གསོས་པའི་བརྩེ་བའི་མེ་ཏོག་ལ།།

གདབ་མ་རྒྱས་ཏེ་དྲི་ངད་ལོངས་སུ་སྤྱོད།།

ཉིན་བཞིན་ཁ་པར་ཅེར་ལྟ་ཡང་ཡང་བྱེད།།

ཁྱེད་ཀྱིས་བསྐུར་བའི་འཕྲིན་ཡིག་མཐོང་ན་བསམ།།

འཚམས་འདྲིའམ་ཡང་ན་སྨོན་ཚིག་འགའ་ཤས་ཀྱིས།།

ང་ཡི་སེམས་ཀྱི་དགའ་བའི་བློ་ཁ་དབང་མེད་བཞད།།

སྐྱོན་ཡོན་གང་ཡིན་སེམས་ཀྱིས་ལེགས་འབྱེད་ཀྱང།།

སྣ་འཛུབ་ཡང་ཡང་འཛུགས་ཏེ་བརྡ་ཡང་གཏོང།།

བརྩེ་བའི་ཐག་པའི་སེམས་ཀྱི་ཆ་ཤས་འགར།།

དམ་པོ་འཆིང་སྟེ་གྲོལ་བའི་ཐབས་ཤེས་དཀའ།།

སྲུང་བ་པོའམ་རེ་བའི་བྱ་ཡུལ་ཞིག།།

རང་ཉིད་ལས་གཞན་སུ་ཀྱང་བརྟན་པར་དཀའ།།

རང་གི་མདུན་ལ་འབུར་ཚུགས་ཞིབ་ལྟ་སྟེེེ།།

ལེགས་པའི་ཕྱོགས་ཀྱི་བྱ་བར་ནན་པོ་དགོས།།

བསྲེག་བྱའི་གད་སྙིགས་ཡང་ན་ཉེས་པ་སོགས།།

ཡོ་བསྲང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་ཡིན།།

ཉེས་པ་ཡང་ན་གད་སྙིགས་མ་འཕྱག་བར།།

ཤང་ཚང་ཡང་ན་སེམས་ཀྱི་གཙང་སྦྲ་དཀའ།།

……追梦者之一