我的美篇

美友5959325

ཨ་མ་ངས་ཁྱོད་ལ་སྙན་ངག་འབྲི་འདོད།

ཡུན་རིང་ཡུན་རིང་ཞིག་གི་སྔོན་ནས་ངས་ཁྱོད་ལ་སྙན་ངག་ཞིག་འབྲི་འདོད་ཡོད།འོན་ཀྱང་ཐེངས་མང་པོར་བྲིས་ཁུལ་བྱས་ཀྱང་སྔར་བཞིན་ལེགས་འགྲུབ་མ་བྱུང་།ཨ་མ་ངས་ཁྱོད་ལ་འབྲི་དགོས་སྙམ་པའི་སྙན་ངག་དེའི་མགོ་ཇི་ལྟར་རྩོམ་དགོས་པ་མི་ཤེས་ལ།མཇུག་ཇི་ལྟར་རྫོགས་དགོས་པའང་མི་ཤེས།ད་དུང་ཅི་ཞིག་འབྲི་དགོས་པ་གཞི་ནས་མ་ཚོར།སྐབས་ལན་རེར།ངས་ང་རང་ཉིད་ལ་བཙན་ཤེད་ཀྱི་འགྲམ་ལྕག་གཞུས་ཏེ་རྟུལ་ཕོད་ཆེ་བའི་ངང་ནས་ལས་འགན་འདི་དང་དུ་ལེན་པར་དམ་བཅས།དེ་རིང་ངས་ཁྱོད་ལ་སྙན་ངག་ཞིག་འབྲི་དགོས་པར་གཏན་འབེབས་བྱས་ཡོད།གལ་ཏེ་བྲིས་པ་མི་ལེགས་པའི་དབང་དུ་བཏང་ནའང་།ངའི་ཚེ་སྲོག་གི་དབུགས་རྒྱུན་མ་ཆད་བར་དུ་ཁྱོད་ཀྱི་འཁྲེང་སེམས་དང་ཞེན་ཆགས་ཀྱི་ཨ་ལོང་ལ་དམ་ལྷོད་མེད་པར་བརྗེད་ཀྱིན་མེད།ལོ་ཟླའི་འཁོར་བསྐྱོད་ནི་མཚམས་འཇོག་མེད་པར་ཤིནད་ཏུ་མྱུར་ཞིང་།དུས་ཚིགས་རེ་རེའི་འགྲུལ་བཞུད་གྱི་ལམ་སྣེ་དེ་རུ་ཁྱོད་དང་ངའི་གཏམ་རྒྱུད་ཀྱི་བྱུང་རིམ་གསལ་ཞིང་མངོན་པར་གནས་ལ།གཏམ་རྒྱུད་དེས་ལྟེབས་ཁུག་ཏུ་ཁྱོད་དང་ངའི་དྲན་གདུང་གི་ལོ་ཟླར་ཆགས་པའི་སེམས་གཞས་སྦས་ཡོད།ཁྱོད་ཀྱི་ངལ་བ་ནི་སུས་ཀྱང་རྟོག་དཀའ་བ་དང་། བུ་ཕྲུག་དག་གིས་ཁྱོད་ཀྱི་སེམས་ཁྲལ་ནི་འོས་འགན་ཞིག་ཏུ་ངོས་འཛིན་བྱས་ཏེ་དོ་སྣང་བྱེད་མཁན་ཡང་དེ་ལས་མང་པོ་ཡོད་མི་སྲིད།ཨ་མ་ལགས།ནམ་ཞིག་ཁྱོད་ཀྱི་རྨི་ལམ་དུ་ང་རང་རྨིས་པར་གྱུར་ཚེ།ཁྱོད་རང་རྒྱུ་རྐྱེན་མེད་པར་ཡ་མཚན་པོའི་ངང་ནས་བྲེལ་འཚུབ་འབྱུང་སྲིད་ལ།རྨི་ལམ་དུ་དེ་ནི་ཁྱོད་ཀྱི་ཆེས་གློ་བ་ཉེ་བའི་གཅེས་ཕྲུག་མ་དེས་ཁྱོད་རང་ཇི་བཞིན་རྒྱང་ཐག་རིང་ས་ཞིག་ནས་སྐྱོ་གདུང་གི་རྣམ་འགྱུར་ཕྱི་རུ་ཤོར་ཏེ་ཁྱོད་རང་དྲན་གྱིན་པའི་ནང་སེམས་ཀྱི་ཚོར་བ་ལྕི་མོ་དེ་ཡིན།ཨ་མ་ཚེ་རབས་སྔོན་མའི་ལས་དབང་ཞིག་གིས་ང་རང་ཁྱོད་ཀྱི་གམ་དུ་གཏན་སྡོད་བྱེད་མི་ཐུབ་པར་གྱུར་ནའང་།ང་རང་ཁུ་སིམ་དང་སྐྱོ་གདུང་གིས་མནར་སྐབས་ང་རང་ཉིད་ལ་དབང་བའི་དབྱངས་རྟ་གསོན་པོ་ཞིག་ཡོད་ཅིང་།གཞས་ཚིག་དེ་གའི་ཁྲོད་དུ་ངས་ནམ་རྒྱུན་ཁྱོད་རང་བསྐྱར་ཟློས་ཐེངས་མང་བྱ་ཞིང་།ཐ་ན་རང་ཉིད་ལའང་དྲི་བ་གང་མང་བཏོན་ཏེ་དབྱངས་རྟའི་འགུག་སྟངས་ལ་སྦྱོང་བསྡར་གང་མང་བྱ་སྲིད།ངའི་སེམས་དབུས་སུ་ཉི་ཟླ་ལྟར་འཆར་བའི་བདག་གི་བརྩེ་བའི་མ་ཡུམ་ལགས།ཁྱོད་ཀྱི་རྒྱུད་མྱོང་བའི་ལོ་ཟླ་རེ་རེ་ནི་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པར།ཁྱོད་ཀྱི་དཀའ་ངལ་ནི་རྩི་གྲངས་མེད།ཁྱོད་ཀྱི་བུ་ཕྲུག་དང་འཁོར་བ་ཡི་སླད་དུ་འཇིགས་སྣང་ཡོད་ཚད་བྲལ་ནས་ཅིས་ཀྱང་བློས་གཏོང་ཐུབ་ལ། ཁྱོད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ང་རང་དད་གུས་སྐྱེས་བྱུང་།

༢༠༡༨ལོའི་ཟླ་༡༢པའི་ཚེས་༢༠ཉིན།

༼མགོ་དཀྲིས་དམར་པོས༽