བཀའ་དྲིན་ཞུ་ཡིག 感恩信

༼ལྷ་དཔལ༽༼幽村之魂༽

བཀའ་དྲིན་ཞུ་ཡིག
བཀུར་འོས་པའི་འགོ་ཁྲིད་དང་ལས་གྲོགས། ད་དུང་ནང་མི་སྤུན་གྲོགས་དང་སློབ་གྲོགས། སློབ་མ་དང་ཁྱིམ་བདག་བཅས་པའི་སྤྱི་ཚོགས་ཀྱི་གནས་ཡུལ་སོ་སོའི་ཐུགས་རྒྱུད་ལ་སྙིང་རྗེས་ལྟེམས་པའི་མི་སྣ་དག་གི་སྙན་ལམ་དུ་ཞུ་གསོལ།
ཁྱེད་རྣམ་པ་འཛིན་པའི་སེམས་ལས་གྲོལ་ཏེ་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་བརྐྱངས་ནས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ངེད་ཅག་ཆེས་དཀའ་སྡུག་དང་གཏོལ་མེད་ཀྱི་སྐབས་སུ་ཁྱེད་ཚོས་ཕྱར་བ་གྲུ་འདེགས་བྱས་ཏེ་རེ་བའི་སྣང་བ་ཞིག་མཐོང་དུ་བཅུག་སོང་།

ངེད་ཀྱི་བུ་ཕྲུག་འདི་སེམས་ཕངས་པ་ཞིག་སྟེ། མཚར་སྣང་དང་རེ་སྨོན་གྱིས་ཁེངས་པའི་མི་ཚེའི་འགྲུལ་བཞུད་ཀྱི་འགོ་བརྩམས་མ་ཐག་ནས་སི་ཁྲོན་ཧྭ་ཞིའི་སྨན་ཁང་གཉིས་པའི་ཉེན་ཚབས་ཆེ་བའི་བྱིས་ནད་ཚན་ཁག་གི་ནད་ཁང་དུ་འགྲོ་དགོས་བྱུང་ལ། ཆུང་ཆུང་གི་བྱིས་པའི་ལུས་ལ་དར་མ་ཞིག་གིས་ཀྱང་བཟོད་དཀའ་བའི་སྨན་བཅོས་བྱེད་དགོས་ཐུག་ནས་བྱིས་པ་གང་མང་ཞིག་གིས་བརྒྱུད་མ་མྱོང་བའི་དུས་རིམ་ཞིག་བརྒྱུད་དགོས་བྱུང་བས། ངེད་ཅག་སྡུག་བསྔལ་གྱིས་མནར་ཏེ་ལུས། ངེད་ཅག་ནི་ལས་བསོད་དང་ལྡན་པ་ཞིག་ཏུ་ཡང་སྣང་སྟེ། མགོ་ཐོག་ཏུ་དོན་དག་ཡག་ཉེས་ཅི་ཞིག་ཡོང་རུང་དུས་དང་རྣམ་པ་ཀུན་ཏུ་ནང་མི་ཚོའི་ཐུགས་ཁུར་དང་འགྲོག་འགྲོག་ཏུ་ཡོད་ལ། ད་ལྟ་ཁྱེད་ཅག་གི་རྣམ་པར་དག་པའི་སྙིང་རྗེའི་སེམས་པ་དང་བསྡོངས་ནས་ཡོད་པས། ཁྱེད་ཅག་གི་ལས་དགེ་བའི་སྤྱོད་ལམ་འདིས་ངེད་ལ་རང་གི་བུ་ཕྲུག་སྡུག་བསྔལ་གྱི་འཕྲང་ལས་སྐྱོབ་པའི་སྙིང་ཕུར་ཐེབས་སོང་ལ། ཁྱེད་ཅག་ནི་བུ་ཕྲུག་འདིའི་ཕ་མ་གཉིས་པ་དེ་རུ་ཆགས།

༢༠༡༨ལོའི་ཟླ་༩པའི་ཚེས་༣༠ནས་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་པར་སྦྲུམ་བུའི་སྲུང་སྐྱོབ་གསོ་བཅོས་བྱས་ལ་ཟླ་གཅིག་གི་རིང་ལ་ནད་ཁྲི་རུ་མགོ་ཡང་དགྱེས་མི་ཐུབ་པར་བསྡད། ལུས་སེམས་ཐང་ཆད་པར་གྱུར་ན་ཡང་མངལ་གྱི་བྱིས་པའི་ཆེད་ངལ་བ་ཁྱད་དུ་བསད་ནས་བྱིས་པ་འདི་སྐྱེ་སྔ་མ་སོང་ན་བསམ་ཡང་། ཟླ་༡༠བའི་ཚེས་༣༡གི་ནམ་གུང་ལ་བྱིས་པ་གཉིས་སྐྱེས་པར་མ་ཟད་ཟླ་ངོ་གཉིས་ཀྱིས་སྔ་བར་སྐྱེས་འདུག་སྟེ། ཉིན་བཅུ་གཉིས་ཀྱིས་ཟླ་བ་བདུན་ཡང་གང་མེད་པའི་ཚོད་ལ་འཇིག་རྟེན་འདིར་ཐོན་པས་ངེད་ཅག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར། ལྷག་པར་དུ་སྨན་ཡོན་གྱི་ཐད་ནས་སྨན་ཁང་གིས་ངེད་ཅག་ལ་མ་མཐའ་ཡང་སྒོར་འབུམ་དྲུག་གི་འགྲོ་སྒོ་འདུག་ཅེས་བཤད། འདི་འདྲའི་སྨན་ཡོན་མང་པོ་ཞིག་ལ་མཚོན་ན་ངེད་ཅག་ལ་ཐབས་བཀོད་གང་ཡང་མ་བྱུང་བས་ཁྱེད་རྣམ་པས་རོགས་ཤིག་བྱེད་པར་རེ་བ་ཞུ་དགོས་བྱུང་། ངེད་ཅག་གིས་གདོང་གཏོད་ས་དེ་ཡང་འགྲན་རྩོད་གསར་བ་ཞིག་ཡིན་འདུག་ལ་འགོ་འཛིན་ས་གསར་བ་ཞིག་ཏུའང་གྱུར་འདུག ཡིན་ཡང་ལོ་དུ་མའི་རིང་གི་བྱིས་པ་སྐྱེ་འདོད་ཀྱི་བསམ་པ་དེའི་དབང་གིས་ཁྱིམ་ཚང་གི་འབྱོར་བ་ཡང་ཞན་པར་གྱུར་ལ་ང་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་ནས་ནང་སེམས་ཅི་ལྟར་འཚུབ་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར། བུ་ཕྲུག་གིས་ན་ཟུག་གི་འཕག་འཚག་རྒྱག་གིན་པ་མིག་གིས་མི་བཟོད་ཀྱང་འབྱོར་འཁོས་ཞན་པའི་དབང་གིས་གསོ་བཅོས་ཡག་པོ་ཞིག་བྱེད་མི་ཐུབ་པས་ན་སྙིང་རྗེ་ཅན་གྱི་ཁྱེད་ཅག་ལ་རོགས་ཤིག་བྱེད་རོགས་ཞུ་དགོས་བྱུང་།
འདི་འདྲའི་གཏོལ་མེད་ཀྱི་གནས་བབ་ཏུ་ཕྱོགས་ཀུན་ནས་དཀའ་ངལ་གྱིས་བཅར་ཡོང་བའི་དུས་སུ་ཁྱེད་ཚོས་རོགས་སྐྱོར་བྱས་རྐྱེན་ངེད་ཅག་ལ་དཀའ་སྡུག་གི་གནས་བབ་དེར་རེ་བ་གསར་བ་ཞིག་བསྩལ་སོང་། གྲང་ངར་གྱིས་གཙེས་པའི་དགུན་གཞུང་འདི་རུ། ཁྱེད་ཅག་གི་རོགས་རམ་ནི་ཉི་འོད་ཀྱི་ཟེར་མ་རེ་རེ་དང་འདྲ་བར་ངེད་ཅག་གི་སེམས་པ་སྣང་བས་ཁྱབ་པར་གྱུར་ལ་རླབས་རིས་བཞིན་འོང་བའི་སྙིང་རྗེ་ཡི་དྲོད་ཁོལ་དེ་ངེད་ཅག་གི་སེམས་པའི་གཏིང་རིམ་ན་ལྟེམས་མེར་འཁྱིལ་ཡོད།
ང་ཚོས་སྤྱི་ཚོགས་ཀྱི་གནས་ཡུལ་སོ་སོའི་བྱམས་དང་སྙིང་རྗེ་ལྡན་པའི་རོགས་དངུལ་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུས་པ་ཡིན། ཁྱེད་ཅག་གི་བཀའ་དྲིན་གྱི་མཐུ་ལས་ངེད་ཀྱི་བུ་ཕྲུག་ལ་མཚར་སྡུག་དང་ལྡན་པའི་མི་ཚེ་ཞིག་ཡོད་ཆོག་པའི་རེ་བ་གནང་སོང་། འུ་ཅག་ཕན་ཚུན་ཕྲད་མི་སྲིད་ན་ཡང་། ཁྱེད་ཚོའི་བྱམས་བརྩེ་དང་སྙིང་རྗེ་ལྡན་པའི་སེམས་པ་དེ་ང་ཚོས་ནམ་ཡང་ཚོར་གྱིན་ཡོད་ལ།ནམ་ཡང་བརྗེད་དུ་མེད་པ་དེ་ཡང་ཁྱེད་ཚོ་ཡིན། ང་ཚོས་འདི་གར་རང་དང་རང་གི་བུ་ཕྲུག་གི་ཚབ་བྱས་ཏེ་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ཡོངས་ལ་སེམས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། བསམ་བཟང་མི་ས་ལམ་ཐམས་ཅད་དགེ་བར་ཤོག བཀྲ་ཤིས་བདེ་ལེགས།

བྱམས་མ་འཚོ་དང་ལྷ་དཔལ་གཉིས་ཀྱིས་ ༢༠༡༨ལོའི་ཟླ་༡༡གི་ཚེས་༢༢ཉིན་སི་ཁྲོན་ཧྭ་ཞིའི་སྨན་ཁང་གཉིས་པའི་ཉེན་ཚབས་ཆེ་བའི་བྱིས་ནད་ཚན་ཁག་གི་ནད་ཁང་ནས།
感谢信
尊敬的领导,同事,亲朋好友,同学,学生,家长以及社会各界爱心人士:
衷心感谢你们的慷慨解囊和无私帮助。在我们最困难、最无助的时候向我们伸出援助之手,让我们重新看到了希望。
我们的孩子是不幸的,在这充满好奇与神秘的人生之旅刚开始的时候却住进了四川大学华西第二医院高危新生儿科病房,幼小的身躯遭受着成年人也难以忍受的治疗,经历着大多数小孩都没有经历的岁月,我们艰难的过着;我们又是幸运的,一直以来,无论发生什么事,家里人都陪我们一起走过。现在又有你们纯洁的爱心和我们一起,是你们的行动鼓舞了我,让我们又重新持起了拯救孩子的信心。你们是孩子们的再生父母。
从2018年9月30日开始在四川大学华西第二医院一直保胎治疗,这一个月吃喝拉撒都在病床上,头都不能抬一下,虽然很累很累,但为了肚子里的宝宝,我们咬牙坚持着,希望宝宝别这么早出来,但10月31日凌晨,两个宝宝还是提前2个多月,差12天才7个月,就来到了这世界,让我们措手不及,尤其是医疗费用方面,医院叫我们准备好至少60万,面对这高昂的费用,我们没有任何办法,只好向各位爱心人士求助,我们面临的将是一个新的挑战,也是一个新的起点。然而,由于多年的求子梦,已使家里的经济很拮据,现在我们也是无能为力,心中着急,却不知该如何是好,不想看着孩子痛苦的挣扎,却因经济原因不能使孩子得到更好的治疗,所以向各位爱心人士发出了爱心求助。
在这样尴尬的局面,在我们进退两难的时候,是你们向我们伸出了援助之手,让我们在困境中看到了一丝希望。在这寒冬里,你们的帮助就像一缕最灿烂的阳光,照亮了我们的心怀,如那波涛汹涌般爱的暖流久久地在我们每个人的内心深处涤荡。
我们感谢所有捐献善款的社会各界爱心人士,感谢你们的爱心捐助,是你们给了我们孩子重新拥有美好人生的希望!虽然我们和你们没能见面,但我们能感受到你们的心,我们会永远记得你们的。在此,我们代表自己及我的孩子向所有奉献爱心的人们致以最诚挚的谢意!谢谢你们!愿好人一生平安,事事顺心,扎西德勒!

向玛措 哈班
2018年11月22日
四川大学华西第二医院高危新生儿科