昨天

Kunga Gyatso

ཁ་སང་།

ཁ་སང་ནི་བཤད་མ་ཚར་བའི་ལྷ་སྒྲུང་ཞིག་ཡིན་པས

ངས་སང་ཉིན་སྔར་བཞིན་ལྷ་ལ་དད་པ་བྱེད

མི་ཚོགས་ཀྱི་བར་གསེང་ནས

དམིགས་འབེན་མེད་པར་ལག་སྙོབ་བྱེད་ཀྱིན་པའི་འདྲེ་ལག་ནི

ཁ་སང་རུབ་མ་ཐུབ་པའི་ཤི་བོའི་ཉི་མ་རེད

འཇིགས་སྐྲག་གིས་སད་སོང

སྐུད་པ་དེ་འཆད་འགྲོ་བར་དོགས་ནས

ལྷ་འདྲེ་རུ་བསྒོམས འདྲེ་མི་རུ་སྣང

འདི་ནི་ཁ་སང་ལ་བཞག་པའི་གཏམ་རྒྱུད་ཡིན

དེ་རིང་གིས་ཁ་སང་ལ་འབྲེལ་བ་མི་བཟོ་ཕྱིར

ངས་ཡོད་ཚད་གཏོང་ན་བསམ

དབལ་ཤུལ། ཀུན་དགའ་རྒྱ་མཚོ།

༢༠༡༨/༡༠/༢༧