སྦྲ་ནག་གཏམ་བརྒྱུད།

དཔལ་ཡག

སྦྲ་ནག་གི་གཏམ་བརྒྱུད།

རྭ་ལོའི་ དཔལ་ཡག

དར་ལྕོག་ཁྲ་བོ་རླུང་གི་བསྐྱོད་པའི་མཐོ་སྒང་བོད་པའི་སྦྲ་ནག་ཡིན།

དགེ་ལེགས་འབུམ་གྱི་མེ་ཏོག་བཀྲ་བའི་ལྷ་རྫས་བརྙན་གྱི་མེ་ལོང་ཡིན།

ཕུལ་བྱུང་སྟོང་གི་བསྔགས་བརྗོད་མཐོར་སའི་གངས་རིའི་ལྗོངས་ཀྱི་ཕ་ནོར་ཡིན།

ཆོལ་གསུམ་རྣ་ལ་རི་མོ་འབྲི་མཁན་གཏམ་བརྒྱུད་ངག་གི་ཕོ་ཉ་ཡིན།

ཁུ་བྱུག་སྔོན་མོའི་མགྲིན་དབྱངས་བསུ་བའི་རྩ་ཐང་སྟེང་གི་གླིང་བུ་ཡིན།

རྨད་བྱུང་ཟླ་ཤེལ་མཁའ་རུ་འཕགས་པའི་ནམ་ལང་མཛེས་མའི་སྐྱ་རེངས་ཡིན།

ཆག་འཇིག་སྟོང་གི་ཁ་བའི་ཁྲོད་ནས་བདེན་གཏམ་བཤད་པའི་རྡོ་རིང་ཡིན།

འགྱུར་མེད་དུང་བའི་བརྩེ་བ་ཡོད་པའི་ཆུ་སྐྱེས་པད་དཀར་ཆུན་པོ་ཡིན།

སེམས་དཔའ་དུ་མའི་ཉམས་རྟོགས་འབར་སའི་ཉི་ཟླ་ཟུང་གི་ཁྱིམ་གཞི་ཡིན།

ཕུན་ཚོགས་སྐྱིད་ཀྱི་རྫོགས་ལྡན་སྐྲུན་པའི་དུས་རབས་སྐུ་མགྲོན་ཐོག་མ་ཡིན།

མཛེས་སྡུག་ངོ་མཚར་འཇའ་འོད་ཟེར་མ་གངས་ལྗོངས་ཡུལ་གྱི་ཟླ་གཞོན་ཡིན།

གངས་ཅན་བོད་པའི་གཡང་ཁྱིམ་དྲོད་མོ་ཕྱུགས་ཁྱུ་ཁྲོད་ཀྱི་བརྒྱན་ཆ་ཡིན།

སེམས་པ་ལྷད་མེད་གངས་ལ་འཕྲེང་བའི་གངས་དཀར་རི་བོའི་སྤུན་ཟླ་ཡིན།

སེང་ཕྲུག་འབུམ་ལ་ཚེ་སྲོག་སྦྱིན་པའི་ས་ཡ་དྲུག་གི་ཨ་མ་ཡིན།མདོ་དབུས་ཁམས་གསུམ་རེ་བཅོལ་བྱེད་སའི་སྤྱི་ནོར་ཕ་ཁྱིམ་གྲུ་བཞི་ཡིན།

སྨྱུག་ཐོག་སྟོང་གིས་གཏམ་བརྒྱུད་ཕབ་པའི་སྙན་ངག་ལྷ་མོའི་བརྗོད་བྱ་ཡིན།

ཡར་ཀླུངས་གཙང་པོའི་འགྲམ་ནས་བཞད་པའི་རང་བྱུང་གནས་ཚང་དྲོད་མོ་ཡིན།

ལྷག་རླུང་ངར་མའི་རེག་བྱ་འགོག་པའི་མ་སྲིང་སྟོང་གི་གཅེས་ནོར་ཡིན།

མེས་པོ་གོང་མས་ཤུལ་བཞག་བྱས་པའི་གོང་ས་ཉི་མའི་ཐུགས་སྲས་ཡིན།

དྭངས་སེམས་བརྒྱ་ཡིས་མཆོད་ཁ་འབུལ་བའི་འབྲོག་ཕྲུག་གྲངས་མེད་ཚེ་སྲོག་ཡིན།

སྦྲང་དཀར་རྩམ་པའི་དྲོ་བ་ལྡན་པས་ལ་རྒྱའི་གོམས་སྲོལ་བདེན་དཔུང་ཡིན།

དགེ་མཚན་བ་དན་ཕྱོགས་ཀུན་སྒྲེངས་པའི་ཁ་བའི་རྒྱབ་རི་སྨུག་པོ་ཡིན།

བྱམས་བརྩེ་འོ་མའི་རྦ་རླབས་ངོམ་པའི་གདོང་དམར་བོད་པའི་མགོན་སྐྱབས་ཡིན།

ཚེ་འདས་འབུམ་གྱི་རྣམ་ཤེས་ཆགས་སའི་བྱེ་རྡུལ་འོག་གི་མེ་ཏོག་ཡིན།

རི་སྤྱང་སྔོན་མོས་འཇབ་སྒོ་ཐེབ་པའི་རྭ་བཅུ་ཤྭ་བ་རྨས་མ་ཡིན།

དྲུག་ཅུ་རྒན་པོའི་སེམས་ལ་ཉལ་བའི་ལོ་རྒྱུས་ངོགས་ཀྱི་ཀ་བ་ཡིན།

ལྔ་བདོ་སྙིགས་མའི་དུས་སྐབས་འདི་ལ་རླུང་ནང་མར་མེ་སྣུམ་ཟད་ཡིན།

ཁྱོད་ལ་འཕྲོད་པའི་འཇུག་མཐའི་གཏམ་གླེང་མགྲིན་པའི་བུམ་བཟང་ལྟོ་ལས་ཕྱང་།།