ཉིན་ཤུག་དཀྱིལ་སྙིང་བྱིས་སྐྱོང་མཐར་ཕྱིན་མཛད་སྒོ

风停了,云知道、

གཅེས་ཕྲུག་ཚོ དེ་རིང་རབ་འབྱམས་པའི་ལྭ་བ་འདིས་རྟེན་འབྲེལ་གྱི་དབུ་དྲངས་ཏེ་ཁྱོད་རང་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་སློབ་མཐར་དང་པོ་ཕྱིན་པ་ཡིན་པས། མ་འོངས་སློབ་སྦྱོང་གི་ལམ་ཁ་ཡངས་ཤིང་བསམ་དོན་གྱི་རི་མོ་འགྲུབ་པར་སྨོན།

དེ་རིང་བྲོ་གར་འཁྲབ་ཞོར། གླུ་དབྱངས་ལེན་བཞིན། ལན་རེར་དགོད་ཞིང་། སྐབས་རེར་སྐྱོ་ཞོར། བདེ་མོ་འཇོག་བཞིན། ལག་བརྡ་བྱེད་ཞོར། སློབ་གླིང་ལ་གྱེས་ཏེ། དགེ་སློབ་ཚོར་བདེ་མོ་བཞག་སོང།

རེ་བའི་ཉི་གཞོན་ཨ་སྔོན་དབྱིངས་སུ་འཆར།།འབྲས་བུའི་མེ་ཏོག་དོག་མོ་ས་རུ་ཁྱབ།།

ཤེས་རིག་སྣ་བརྒྱ་འགྲན་པའི་ལྡིངས་ཀ་རུ།།དཔྱོད་ལྡན་བློ་རྩལ་མྱུར་བའི་བུ་ཆུང་རྩེན།།

རྒྱང་བཞུད་གྱི་ལོ་ཆུང་བྱིས་པ

མཚན་མོའི་རྨི་ལམ་ལ་འོད་ཀྱི་གཤོག་པ་བྲིས།

མུན་པའི་རེ་སྨོན་ལ་དབྱངས་ཀྱི་ཁ་དོག་སྤྲད།

རི་བོའི་པང་ལ་བློ་སྤོབས་བསྩལ།

གཙང་བོའི་སྙིང་ལ་མིག་ཆུ་བཞུར།

རླུང་གི་རྒྱལ་བོ་ཡིན།

དཔྱིད་ཀྱི་འཛའ་བོ་ཡིན།

མཚན་མོའི་གླུ་ངག་ཡིན།

ཉིན་མོའི་མགྲོན་པོ་ཡིན།

སྤྲིན་དཀར་གྱི་གཤོག་པ་ཡིན།

རི་རབ་གྱི་ང་རྒྱལ་ཡིན།

རྩྭ་ཐང་གི་ལང་ཚོ་ཡིན།

ན་བུན་གྱི་འཛུམ་མདངས་ཡིན།

ཕ་མ་བཟང་པོའི་སྙིམ་པའི་མུ་ཏིག། དགེ་རྒན་བཟང་པོའི་སྙིང་གི་སྐར་ཚོམ།།

དུས་རབས་གསར་བའི་མེ་ཏོག་ལྡེམ།།མི་རབས་གསར་བའི་རེ་བ་འཛུམ།།

སྐྱིད་ཀྱི་གླིང་བུ་དབྱར་གཞུང་སྤང་ནས་བུས།།

སྤྲིན་པ་དཀར་པོ་རི་ཟོམ་དྲུང་དུ་འདུ།།

ཁ་དག་དཀར་པོ་མྱི་ཡི་བསམ་པའི་རྒྱན།

བྲལ་བའི་ལག་བརྡ་དགེ་ཡི་ཞལ་རེ་དྲོ།

ཞོགས་ཁའི་སྨུག་ཟིལ་ལས་བརྒལ་ཏེ་ཤར་གྱི་ཉི་ཟེར་དང་འགྲོགས་ནས།

མ་འོངས་བས་མདུན་ལམ་དང་ཤེས་རིག་གི་ངོ་སོ་ལ།

ཁ་དག་དཀར་པོ་་ཐོད་ལ་བཟུང་སྟེ་ལྷ་དཀར་པོ་གསོལ་བ་རེ་འདེབས་བཞིན་བྲལ་ཁའི་བདེ་མོ་དང་ལྷན་དུ་ཆས་སོང་།

ངའི་ལག་གི་ཁ་བཏགས་ཁ་དཀར་བོ་འདི འདིའི་སྟེང་ན་བཀྲ་ཤིས་རྟགས་བརྒྱད་ཡོད འདི་དེ་རིང་དགེ་སློབ་ཁྱེད་ཚོར་འབུལ ཁྱེད་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན