ཤེས་ནས་དད་པའི་རང་སྒྲ།

བཤེས་གཉེན་ཆེན་པོ་དགེན་དུས་ཀྱི་སྒྲོན་མེ།

གང་མཚན་རྣ་བའི་བུ་གར་ཞུགས་ཙམ་གྱིས།།

མི་ཤིགས་སྲོག་གི་དངོས་གྲུབ་སྩོལ་མཛད་པའི།

བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས།།

དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་བར་མཛོད།།

གདོད་ནས་ཆོས་དབྱིངས་དག་པའི་མཁར།

གང་ཐུགས་ཡེ་ཤེས་རོ་གཅིག་ཀྱང་།།

སྣ་ཚོགས་འགྲོ་བློའི་ཆུ་མཚོ་རུ།།

འཆར་བའི་གཟུགས་སྐུ་ཀུ་མུད་གཉེན།།

དོན་ལ་འཆར་ནུབ་མི་མངའ་ཡང་།།

ཐ་མ་འགྲོ་བའི་སྣང་ངོ་རུ།།

ད་དུང་སྲིད་པ་ཇི་སྲིད་བར།།

ནམ་ཡང་ནུབ་པ་མེད་གྱུར་ཅིག།

དེང་དུས་ཕྱོགས་འདིར་མགོན་ཁྱོད་ཀྱིས།།

ཐུགས་རྗེའི་འོད་དཀར་སྤྲོས་པའི་མཐུས།།

ལོག་ལམ་སྨག་ཆེན་མཐར་སྤྲད་ནས།།

དམ་པའི་ལུགས་བཟང་གསལ་བར་བྱས།།

གང་ཚེ་འགྲོ་བ་མཐའ་དག་གི།།

ཕན་བདེའི་ལེགས་ཚོགས་ཀུན་གྱི་གཞི།།

རྒྱལ་བསྟན་གསེར་གྱི་ས་ཆེན་དེ།།

ཆབ་སྲིད་རལ་གྲིས་གཤགས་པའི་ཚེ།

ཆེན་པོའི་གདོང་དང་དང་མང་པོའི་ཁ།།

གང་ལའང་གཟིགས་གསན་མ་གནང་བར།།

སྲོག་བཞིན་བསྐྱངས་པའི་ཆོས་ཚུལ་དེ།།

ནུབ་པར་གྱུར་ན་ག་ལ་རུང་།།

དེ་ཡང་མགོན་པོ་ཁྱེད་ཀྱི་སྐུ།།

བཞུགས་དང་འབྱོན་པའི་རྗེས་འགྲོ་བས།།

དེ་ཕྱིར་བསྐལ་པ་བརྒྱ་ཕྲག་ཏུ།།

མྱ་ངན་མི་འདའ་བཞུགས་སུ་གསོལ།།

རིང་ནས་སྙིང་གིས་རེ་བའི་ལྷ།།

ཤུགས་ལྡན་རིགས་ལྔ་འཁོར་བཅས་ཀྱིས།།

སྨོན་པའི་འདོད་དོན་མ་ལུས་པ།།

ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཀྱེ།།

མགོན་པོ་གང་གི་སློབ་བུ་ཡོངས་ཀྱི་ཐ་ཤལ་བ་དྲྭ་མིང་དུས་ཀྱི་སྒྲོན་མེ་རུ་འབོད་པས་སྙིང་ནས་གསོལ་བ་བཏབ་པའོ།།